Tibetan Identity Preservation Day
📅 23 September 2026• Dhondenling Settlement Office
༄༅། །དེ་རིང་ཕྱི་ཚེས་ ༢༣ རེས་གཟའ་ལྷག་པ་༧རྒྱལ་བའི་ལྷག་དཀར་ཉིན་དཔལ་ལྡན་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀོད་ཁྱབ་ལམ་སྟོན་ལྟར་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ལས་ཁང་གིས་གོ་སྒྲིག་འོག་ས་གནས་ཀྱི་མི་མང་ཚོགས་ཁང་དུ་༼བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ཉིན་མོ་ཞེས་སྲུང་བརྩི་༽ཞུས་པ་དང་། འདི་གའི་སློབ་གྲྭའི་འཛིན་རིམ་དྲུག་པ་ནས་བཅུ་པ་བར་གྱི་སློབ་མ་རྣམས་མཛད་སྒོ་ལ་མཉམ་ཞུགས་ཀྱིས་སློབ་མ་རྣམས་ཀྱིས་ང་བོད་པ་ཡིན། ངས་བོད་ཟས་ཟ། ངས་བོད་སྐད་བཤད་སོགས་ཀྱི་འབོད་ཚིག་གི་འཕྲེད་དར་བསྣམས་ཏེ་གོམ་འགྲོས་ཀྱིས་ལམ་ནས་ཉིན་མོར་སྲུང་བརྩིས་ཞུས།
On September 23 (Lhakar), following CTA guidance, the Dhondenling Settlement Office organized Tibetan Identity Preservation Day at the local community hall. Students from Classes VI to X participated in the event and marched with banners proclaiming: “I am Tibetan, I eat Tibetan food, I speak Tibetan.”