April 15, 2023

Official visit by education secretary Jigmey Namgyal la.

༄༅།། བོད་རྒྱལ་ལོ་༢༡༥༠་རབ་གནས་ཆུ་ཡོས་ལོའི་་བོད་ཟླ་༢་པའི་ཚེས་༢༢ ཕྱི་ལོ་༢༠༢༣་ཟླ་བ་༤་པའི་ཚེས་༡༢ ཉིན། དཔལ་ལྡན་དབུས་བོད་མི་སྒྲིག་འཛུགས་ཀྱི་ཤེས་རིག་དྲུང་ཆེ་སྐོུ་འཇིགས་མེད་རྣམ་རྒྱལ་མཆོག་འདི་གར་ཀོ་ལེ་གྷལ་སཾ་བྷོ་ཊ་ཉིན་སློབ་ཏུ་འཚམས་གཟིགས་བཀའ་དྲིན་བསྐྱངས་པ། སྐུ་ངོ་མཆོག་གིས་དགེ་ལས་སློབ་ཕྲུག་ཡོངས་དང་སྔོན་འགྲོ་སྡེ་ཁག་གསུམ་གྱི་སློབ་ཕྲུག་གི་ཕ་མ་དང་ཀོ་ལེ་གྷལ་ཉིན་སློབ་ཀྱི་སློབ་མའི་ཕ་མ་རྣམས་ལ་བཀའ་སློབ་ལམ་སྟོན་ཟབ་རྒྱས་གནང་སོང་། བཀའ་དྲིན་ཆེས་ཆེ་ཞུ།

October 15, 2022

Talent Show

༢༠༢༢ ཟླ ༨ ཚེས་༢༣་ཉིན་སློབ གྲྭའི་རིག་གཞུང་ཚོགས་ཆུང་གི་གོ་སྒྲིག་འོག འཛིན་རིམ་དང་པོ་ནས་བཅུ་པ་བར་གྱི་སློབ མ་གང་མང་ནས་སྒྱུ་རྩལ་འགྲན་བསྡུར་ནང་མཉམ་ཞུགས་བྱེད་ཡོད On་23.08.2022 school Culture Committee organized a Talent Show, in which maximum students from grade I-X had participated

June 30, 2022

Democracy Day of Tibet

ཕྱི་ལོ་༢༠༢༢ ཟླ ༩ཚེས་༢་ མང་གཙོ་དུས་ཆེན་ཐེངས་༦༢་ པ་སྲུང་བརྩི་ཞུས་བཞིན་པའི་འདྲ་པར་འགའ། Celebration of 62nd Democracy day of Tibet on 2.09.2022

June 30, 2022

‘Human Library’ activity

དབུས་ཤེས་རིག་ལས་ཁུངས་ཀྱི་ལམ་སྟོན་དང་བཀོད་ཁྱབ་བཞིན། སློབ་གྲྭའི་དཔེ་མཛོད་དགེ་རྒན་བསྟན་འཛིན་དབང་མོ་ལགས་ཀྱི་སྣེ་འཁྲིད་ཐོག་འཛིན་རིམ་དང་པོ་ནས་བཅུ་པ་བར་གྱི་སློབ མ་རྣམས ནས་དཔེ་མཛོད་དང་འབྲེལ་བའི་བྱེད་སྒོ་གང་མང་ནང་མཉམ་ཞུགས་བྱེད་བཞིན་པ་ཡིན། རིམ་པའི་བྱེད་སྒོ་ཁག་གཤམ་ལ་འགྲེལ་བརྗོད་ཞུ་རྒྱུ་ཡིན། ༢༠༢༢་ཟླ་༨ ཚེས་ ༢༤.ཉིན་འདི་ག་ས་གནས་ཀྱི་ཊིཅ ཉལ་ཁང་ གྱི་འགན་འཛིན་དགེ་ཟླ་བ་དོན་གྲུབ་ལགས་གདན་ཞུ་ཐོག་འཛིན་རིམ་བརྒྱད་པ་ནས་བཅུ་པ་བར་གྱི་སློབ་ཕྲུག་རྣམས་ལ་ཁོང་གི་སློབ་གྲྭའི་སྐབས་ཀྱི་འཚར་ལོང་བྱུང་སྟངས་དང་ཆུང་དུས་ནས་དཔེ་དེབ་ཀློག་རྒྱུའི་གལ་གནད་སྐོར་སློབ་གསོ་གནང་། As per the direction of the Department of Education, CTA Dharamshala, under the guidance of school librarian Gen Tenzin Wangmo,…

June 30, 2022

Internal Complaint Committee Training

ཟླ་འདིའི་ཚེས་༣།༤།༦་ ཉིན་དབུས་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པས་སློབ་གྲྭའི་བཙན་གཡེམ དང་རྩུབ་སྤྱོད་ཞུ་གཏུགས་ཚོགས་ཆུང་གི་ཚོགས་མིའི་ཟབ་སྦྱོང་གོ་སྒྲིག་གནང་། 3rd/4th & 6th Sept, 2022 – Internal Complaint Committee Training was organized by Women’s Empowerment Desk (WED), Dept of Finance, CTA Dharamshala