Celebrating Our Heritage: Identity Preservation Week

Identity & Heritage 2026

Celebrating Our Heritage: Identity Preservation Week

📅 21–26 September 2026📌 Lead: School Administration
༄༅། །བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀོད་ཁྱབ་ལམ་སྟོན་ལྟར་ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་ཉིད་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་དུ་བརྩི་སྲུང་དགོས་སླད་འདི་སློབ་ཏུ་ཕྱི་ཚེས་ ༢༦ རེས་གཟའ་སྤེན་པ་ཉིན་འདི་གའི་དགེ་ལས་སློབ་ཕྲུག་རྣམས་རང་མི་རིགས་ཀྱི་ཆས་གོས་སྤྲས་ཏེ། དགེ་སློབ་ལྷན་འཛོམས་ཐོག་ཉིན་གུང་གི་གསོལ་ཚིགས་བོད་ཟས་མཆོད། ཉིན་རྒྱབ་ཏུ་བོད་དང་འབྲེལ་བའི་བརྙན་ཐུང་གཟིགས་འབུལ་ཞུས་པ་དང་། གཞི་འོག་སློབ་མ་རྣམས་ཀྱིས་བོད་ཀྱི་སྲོལ་རྒྱུན་གྱི་རི་མོ་ལ་ཚོན་བཏང་བ་དང་གཞི་བར་སློབ་མ་རྣམས་ཀྱིས་བོད་དང་འབྲེལ་བའི་སྐོར་ལ་རྩོམ་ཡིག་བྲིས་པ་སོགས་ལས་གཞི་སྣ་མང་ཞིག་སྤེལ་ཏེ་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་གྱི་མཇུག་བསྡོམས་མཛད་སྒོ་སྲུང་བརྩི་ཞུས།
Following the guidelines of the Kashag (CTA), our school observed Tibetan National Identity Preservation Week during the fourth week of September. On September 26, staff and students wore traditional attire and shared a Tibetan lunch. The afternoon included documentary screenings, traditional colouring activities for primary students, and essay writing about Tibet for middle-school students.

Leave a Comment