July 1, 2024

Social Science Exhibition

ཕྱི་ལོ་ ༢༠༢༤ ལོའི་སྤྱི་ཚོགས་ཚན་རིག་འགྲེམས་སྟོན། ཕྱི་ཟླ་ ༦ ཚེས་ ༢༩ རེས་གཟའ་སྤེན་པ་ཉིན་རྒྱབ་ཆུ་ཚོད་ ༢ཿ༣༠ ཐོག་འདི་སློབ་ཀྱི་སྤྱི་ཚོགས་ཚན་རིག་སྡེ་ཚན་གྱིས་སྣེ་ཁྲིད་འོག་འཛིན་རིམ་གསུམ་པ་ནས་བཅུ་པ་བར་གྱི་སློབ་མ་རྣམས་ནས་སྤྱི་ཚན་འགྲེམས་སྟོན་གོ་སྒྲིག་ཞུས། An exhibition for Social Science was held in the School on 29th June 2024. Students from classes III to X of the School participated and displayed there innovative talents in the Exhibition.   

June 24, 2024

STEM excursion program

དཔལ་ལྡན་ཤེས་རིག་ལས་ཁུངས་ནས་སློབ་སྡེ་ཁག་གི་འཛིན་རིམ་དགུ་པའི་སློབ་ཕྲུག་ལ་དམིགས་ཏེ་ཚན་རྩིས་འཕྲུལ་གསུམ་གྱི་ཤེས་ཡོན་སྐོར་སྐྱོད་(STEM Excursion)ཀྱི་ལས་གཞི་ཞིག་གོ་སྒྲིག་གནང་དོན་བཞིན། འདི་ནས་འབྲེལ་ཡོད་དགེ་ལགས་གཉིས་ཀྱིས་སྣེ་ཁྲིད་འོག་འདི་ཟླ་༦ཕྱི་ཚེས་་༢༢ ཉིན་སློབ་མ་རྣམས་མེ་སོར་གྲོང་ཁྱེར་ནང་ཤེས་ཡོན་སྐོར་སྐྱོད་དུ་ཕྱིན་སྐབས་ཀྱི་འདྲ་པར་འགའ། we would like to thank you to the Department of Education CTA for organizing the excursion and especially to our Donor USAID.  

June 21, 2024

བཙན་བྱོལ་བོད་མིའི་ཁྲིམས་ལུགས་གོ་རྟོགས་ལས་གཞི་སྤེལ་བ།

ཟླ་ ༦ ཕྱི་ཚེས་༢༡ ཉིན་དཔལ་ལྡན་ལྷོ་ཕྱོགས་ས་གནས་ཁྲིམས་ཞིབ་པ་སྐོུ་ཕུན་ཚོགས་དཔལ་ལྡན་མཆོག་གིས་འདི་སློབ་ཀྱི་དགེ་སློབ་རྣམས་ལ་ཁྲིམས་ལུགས་གོ་རྟོགས་སྤེལ་སྐབས་ཀྱི་བརྙན་པར་འགའ།  

April 30, 2024

Tibetan Calligraphy Day celebrated in STS Kollegal

བོད་ཀྱི་ཡིག་གཟུགས་ཉིན་མོར་བསུ། ཕྱི་ཟླ་ ༤ ཚེས་ ༣༠ ཉིན་འདི་སློབ་ཀྱི་གཞི་རིམ་བར་མའི་བོད་དགེ་བྱམས་པ་བཀྲིས་ལགས་ཀྱིས་རང་སློབ་ཀྱི་སློབ་མ་རྣམས་ལ་བོད་ཀྱི་ཡིག་གཟུགས་སྐོར་ལ་འགྲེལ་བརྗོད་གནང་།  

February 12, 2024

The Honorable Sikyong’s Visit to the School

ཟླ་༢་ཕྱི་ཚེས་ ༡༥ ཉིན་དཔལ་ལྡན་བོད་མིའི་སྒྲིག་འཛུགས་ཀྱི་སྐོུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་འདི་སློབ་ཏུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་དགེ་ལས་སློབ་ཕྲུག་ཡོངས་ལ་བཀའ་སློབ་གསུང་བཤད་གནང་། Honorable Sikyong Penpa Tsering la visited our school on 15th of this month. The students and teachers are blessed to have had the opportunity to meet and interact with him.