བོད་ཀྱི་སྐད་ཡིག་ནི་ངའི་སྲོག་ཡིན།

ང་ཚོའི་བོད་ཀྱི་སྐད་ཡིག་དེ་རྒྱ་གར་གྱི་ལེགས་སྦྱར་སྐད་དཔེ་བལྟས་པ་མ་ཟད་བོད་ཀྱི་ཡི་གེ་ནི་ཐོན་མི་སམ་བྷོ་ཊའི་གསར་དུ་བཟོས་གནང་བ་ཞིག་རེད། གངས་རི་རྭ་བའི་སྐོར་བའི་བོད་ཀྱི་རྒྱལ་པོ་༣༣་ཆོས་རྒྱལ་སྲོང་བཙན་སྒམ་པོ་དུས་རབས་བདུན་པའི་སྐབས་བོད་ཡིག་གསར་དུ་མཛད། ཐོན་མི་ལ་དགེ་རྒན་མང་པོ་ཡོད་པ་ཡིན་ཡང་དེའི་ནང་གལ་ཆེ་ཤོས་དེ་བྲམ་ཟེ་ལི་བྱིན་ཀ་ར་དང་ལྷ་རིག་པའི་སེང་གེ་ཡིན། ང་ཚོའི་བོད་ཀྱི་སྐད་ཡིག་དེ་དཔེ་གལ་ཆེན་པོ་ཡིན་ལ་སྐད་ཡིག་མེད་ན་ལུང་པ་མེད་བ་འདྲ་བོ་ཡོད། མི་ཁ་ཤས་བོད་ཀྱི་སྐད་ཡིག་དོན་ལ་སོ་སོའི་སྲོག་དང་འདྲ་བ་བརྩི་ཡི་ཡོད་པ་མ་ཟད་སྐད་ཡིག་སྦྱོང་དགོས་རྒྱུ་ནི་ང་ཚོས་དོར་དུ་མེད་པའི་ལས་འགན་ཞིག་ཡིན། མི་རིགས་གང་འདྲ་ཞིག་ཡིན་ཡང་སོ་སོས་སྐད་ཡིག་དང་རིག་གཞུང་ལུགས་སྲོལ་སོགས་ཡོད་ཙང་སོ་སོས་བདག་གཅེས་ལེགས་པོ་གནང་གི་ཡོད། ང་ཚོའི་ད་ལྟའི་ཁོར་ཡུག་དེ་བོད་སྐད་མང་པོ་མི་རྒྱབ་པ་དང་བོད་ཡིག་འབྲི་སྟངས་མི་ཤེས་མཁན་མང་པོ་འདུག།
གཟིགས་དང་། འདས་ཟིན་པའི་ལོ་རྒྱུས་ཀྱི་ཁྲོད་དུ་བོད་ཀྱི་དཔའ་བོ་དཔའ་མོ་ཚོས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་༧གོང་ས་རྒྱལ་བའི་དབང་པོའི་ཐུགས་དགོངས་ཇི་བཞིན་བསྒྲུབ་སླད་རང་སྲོག་ཡོངས་རྫོགས་གློད་བཏང་བ་དེ་དག་སེམས་སུ་ངེས་པ་དང་བཅངས་དགོས། དེ་འདྲ་སོང་ཙང་བོད་ཀྱི་སློབ་ཕྲུག་དང་མི་རིགས་ཡོད་ཚད་ཀྱིས་བོད་ཡིག་ལ་དོ་སྣང་བྱེད་དགོས་པའི་རེ་སྐུལ་ཞུ་བཞིན་ཡོད།