ཕྱི་ལོ་༢༠༢༤ཟླ་༧ཚེས་༢༢རེས་གཟའ་ཟླ་བ་ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་ཤེས་རིག་བཀའ་བློན་སྐོུ་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་། ལྷན་དུ་དཔལ་ལྡན་སམ་བྷོ་ཊ་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་སྐུ་ངོ་ཚེ་རིང་དོན་གྲུབ་མཆོག་འདི་སློབ་ཏུ་གཞུང་འབྲེལ་འཚམས་གཟིགས་སུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ནས་ཞོགས་ཚོགས་ཀྱི་བྱེད་སྒོ་ཁག་དང་། འཛིན་གྲྭའི་སློབ་འཁྲིད། དེ་བཞིན་སློབ་ཕྲུག་གི་འབྲི་དེབ་སོགས་ལ་གཟིགས་ཞིབ་ནན་པོ་གནང་ཞིང་། སློབ་ཕྲུག་ཚོར་ཤེས་སྤྱོད་འཕྲོད་གསུམ་དང་བོད་པའི་ལ་རྒྱ་དགོས་སྐོར་སོགས་ཀྱི་བླང་དོར་བཀའ་སློབ་ཟབ་ཅིང་རྒྱས་པ་གནང་།












