འདི་ཟླའི་ཕྱི་ཚེས་ ༡༧ རེས་གཟའ་ལྷག་པ་ཉིན་འདི་སློབ་ཀྱི་ལྟ་གྲུབ་སློབ་དཔོན་གྱིས་སྣེ་ཁྲིད་པའི་བོད་ཡིག་ཚོགས་ཆུང་ནས་ཕྱི་ལོ་ ༢༠༢༥ ལོའི་ལོ་འཁོར་རིགས་ལམ་འདུ་འཛོམས་གོ་སྒྲིག་ཞུས།
སྐབས་དེར་སྐུ་མགྲོན་དུ་ས་གནས་འགོ་འཛིན་གཙོས་པའི་ས་གནས་ཀྱི་གནད་ཡོད་མི་སྣ་དང་དགོན་སྡེ་ཁག་གི་མཁན་སློབ་དགེ་བཤེས་རྣམ་པ། གཞན་སློབ་ཕྲུག་གི་ཕ་མ་བཅས་ཕེབས་བཅར་ལ་འདི་གའི་དགེ་སློབ་ཟུང་སྦྲེལ་གྱིས་རྟགས་གསལ་གྱི་སྦྱོར་བ་སྤྱན་སྒྲོན་ཞུས་པར་དགྱེས་བཞེས་བྱུང་ཡོད།


