༸རྒྱལ་བའི་བཀའ་དྲིན་རྗེས་དྲན།
བོད་ལྗོངས་ང་ཚོའི་ཕ་ཡུལ་གྱི་ཉིན་མོར་བསུ།
Celebrating Tibet Our Country
📅 ཚེས་གྲངས།: 28.09.2025
📍 ས་གནས།: སློབ་གྲྭའི་ཚོགས་ཁང་།
📍 ས་གནས།: སློབ་གྲྭའི་ཚོགས་ཁང་།
འདི་ལོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དགུང་ལོ་དགུ་བཅུའི་འཛུམ་མདངས་བཞེས་པར་འཛམ་གླིང་ཕྱོགས་མཐའ་གང་སར་༸རྒྱལ་བ་དགྱེས་པའི་གོ་སྟོན་སྲུང་རྩིས་གནང་དང་གནང་མུས་བཞིན། འདི་ག་སློབ་གྲྭ་རུ་ཡང་༸རྒྱལ་བའི་བཀྲིན་རྗེས་དྲན་མཚོན་དོན་དུ་སྐུའི་གོ་སྟོན་སྲུང་བརྩི་བྱ་རྒྱུ་སླད།
འདི་ཟླའི་ཕྱི་ཚེས་༢༨ རེས་གཟའ་ཉི་མའི་ཉིན་༧གོང་ས་མཆོག་ལ་ Albert Schweitzer Humanitarian Award, USA (28.9.1987) གཟེངས་རྟགས་འབུལ་བཞེས་ཀྱི་ཉིན་མོའི་དུས་དྲན་དང་སྟབས་བསྟུན། འདི་ག་སློབ་གྲྭ་རུ་བོད་ལྗོངས་ང་ཚོའི་ཕ་ཡུལ་ཞེས་པ་རང་རིགས་ཕ་ཡུལ་བོད་དང་འབྲེལ་བའི་བརྗིད་པའི་གནའ་བོའི་སྲོལ་རྒྱུན་དང་། གོམས་གཤིས་བཟང་པོ། རིག་གཞུང་ཕྱུག་པོའི་གསེར་ཞལ་མཚོན་པའི་བྱེད་སྒོ་སྣ་མང་ཞིག་སྤེལ་སྐབས་ཀྱི་བརྙན་པར་འགའ།
༸རྒྱལ་བ་དགྱེས་པའི་མཆོད་སྤྲིན། དགེ་ལེགས་འཕེལ། 📚
མཛད་སྒོའི་པར་རིས། (Gallery)







