ཤེས་ཡོན་གཟིགས་བསྐོར།

ཤེས་ཡོན་གཟིགས་བསྐོར། བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་ནས་གཟིགས་བསྐོར་གནང་བ། 📅 ཚེས་གྲངས།: 02.10.2025 📍 ས་གནས།: ཀོ་ལེ་གྷལ་སཾ་བྷོ་ཊ་སློབ་གྲྭ། བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཚུང་གི་ཚོགས་གཙོ་སེར་སྨད་མཁན་ཟུར་དགེ་བཤེས་ལྷ་རམས་པ་བཀྲ་ཤིས་ཚེ་རིང་མཆོག་འདི་ག་ཀོ་ལེ་གྷལ་སཾ་བྷོ་ཊ་བོད་མིའི་སློབ་གྲྭ་དང་སྔོན་འགྲོ་སྡེ་ཁག་གསུམ་དུ་ཉིན་གཉིས་རིང་སློབ་ཁྲིད་རྟོག་ཞིབ་དང་གཟིགས་བསྐོར་དུ་ཕེབས་སྐབས་ཀྱི་བརྙན་པར་འགའ། གཟིགས་བསྐོར་གྱི་བརྙན་པར་རིམས་པ། (Gallery) ཤེས་ཡོན་ཡར་རྒྱས་དང་སློབ་ཁྲིད་སྤུས་ཚད་གོང་འཕེལ་ཆེད་ཕེབས་པའི་གཟིགས་བསྐོར་འདིས་སློབ་གྲྭར་ཕན་ཐོགས་ཆེན་པོ་བྱུང་ཡོད།

ཕེབས་སྐྱེལ་མཛད་སྒོ།

ཕེབས་སྐྱེལ་མཛད་སྒོ། དགེ་ལས་རྣམ་གཉིས་ལ་ཕེབས་སྐྱེལ་གསོལ་སྟོན་འདེགས་འབུལ། 📅 ཚེས་གྲངས།: 01.10.2025 📍 ས་གནས།: ཀོ་ལེ་གྷལ་སཾ་བྷོ་ཊ་སློབ་གྲྭ། ཕྱི་ཟླ་ ༡༠ ཚེས་ ༡ ཉིན་འདི་གའི་སློབ་གྲྭ་དང་དགེ་རྒན་ཕ་མའི་ཚོགས་ཆུང་། དགེ་ལས་ཐུན་མོང་གིས་སློབ་གྲྭའི་ཀམ་པུ་ཊར་དགེ་རྒན་དོན་གྲུབ་སྒྲོལ་མ་ལགས་དང་ཁང་སྲུང་དང་གད་པ་གཅིག་ལྕོགས་བཀྲིས་ཆོས་དར་ལགས་རྣམ་གཉིས་ལ་ཕེབས་སྐྱེལ་གྱི་ཇ་སྟོན་དང་གསོལ་སྟོན་འདེགས་འབུལ་ཞུས། མཛད་སྒོའི་བརྙན་པར་རིམས་པ། (Gallery) དགེ་ལས་རྣམ་གཉིས་ཀྱི་མ་འོངས་པའི་མཛད་འཆར་མཐའ་དག་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུའོ། དགེ་ལེགས་འཕེལ།