ང་ཚོས་བོད་ཡིག་སྦྱོང་དགོས།

འཇིག་རྟེན་ཁམས་ཀྱི་ནང་དུ་ང་ཚོ་བོད་མི་ཞིག་ཡིན་པའི་ཆ་ནས་བོད་ཡིག་སྦྱོང་དགོས་པ་ཞིག་རེད། བོད་ཀྱི་སྐད་ཡིག་འདི་བོད་མིས་བདག་པོ་བརྒྱབས་ན་མ་གཏོགས་སུས་རྒྱག་གི་རེད། དེའི་ཕྱིར་ང་ཚོས་དགའ་དགའ་སྤྲོ་སྤྲོ་ངང་ནས་བོད་ལྗོངས་ཁ་བ་ཅན་གྱི་ཡི་གེ་སྦྱང་དགོས་པ་མ་ཟད་བོད་ཡིག་གི་ཡིག་འབྲུ་རེ་རེ་ནི་མཛེས་སྡུག་ལྡན་པ་ཞིག་རེད། ད་དུང་བོད་ཀྱི་ཡི་གེ་གཟུགས་ནི་མི་འདྲ་བ་མང་པོ་ཡོད།
དཔེར་ན། ཡིད་དུ་འོང་བའི་བོད་ཀྱི་དབུ་ཅན། ཁྱུགས་ཡིག། དབུ་མེད། འབྲུ་ཚ་སོགས་མང་པོ་ཡོད། གུས་མོ་བོད་མི་ཞིག་ཡིན་པའི་ཆ་ནས་བོད་ཀྱི་སྐད་ཡིག་ལ་བརྩོན་འགྲུས་ཆེན་པོ་དང་དགའ་ལྷང་ལྷང་གི་ཐོག་ནས་བྱོང་བཞིན་ཡོད། ད་དུང་སེམས་པ་དུང་ལས་དཀར་བའི་རྒན་བྱམས་པ་བཀྲིས་ལགས་ཀྱིས་བདག་ལ་བོད་ཀྱི་སྐད་ཡིག་དང་བོད་ཀྱི་ལོ་རྒྱུས་སོགས། ཡིག་འབྲུ་རེ་རེ་བཞིན་ཧུར་ཐག་དང་རྔུལ་ནག་འཛིར་འཛིར་གྱིས་བདག་དང་སློབ་ཕྲུག་རྣམས་ཀྱི་ཆེད་དུ་དཀའ་ལས་བརྒྱབ་ནས་སློབ་ཀྱི་འདུག ང་རང་རྒན་ལགས་ལ་འཚམ་འཚམ་སྙིང་རྗེ་ཡིས། གང་ཡིན་ཟེར་ན།
ཁོང་གིས་དཀའ་ལས་དེ་ཙམ་སྐྱོན་ན་ཡང་སློབ་ཕྲུག་ཁག་གཅིག་གིས་དོ་སྣང་སྤྲད་ཀྱི་མི་འདུག། མ་ཟད་བོད་མི་ཁ་ཤས་ཕྱི་རྒྱལ་དང་། ཨ་མི་རི་ཀ། སོགས་ལ་གནས་ཡོད། ངས་རེ་བ་ལྟར། བོད་ཀྱི་ཡི་གེ་དང་རིག་གཞུང་རྣམས་ཐུགས་ལ་བཞག་པ་དང་ལྷག་ཏུ་སྦྱང་དགོས། དེ་དང་མཉམ་དུ་སློབ་ཕྲུག་དང་བོད་མི་ཁ་ཤས་ཕ་སྐད་མ་སྐྱོན་ནས་དབྱིན་ཇི་ལ་སོགས་པའི་སྐད་ཡ་མ་ཟུང་དེ་འདྲ་རྒྱག་པ་ནི་ཞབས་འདྲེན་རེད། མ་ཟད་བོད་མི་བླ་ན་མེད་པའི་དབུ་ཁྲིད་༧ སྤྱིར་ནོར་གོང་ས་སྐྱབས་མགོན་ཆེན་པོས་རྟག་ཏུ་བོད་སྐད་སྦྱོང་གསུང་གིས། ད་ལྟ་བོད་ཀྱི་ནང་དུ་བོད་མི་རྣམས་སོ་སོའི་རང་གི་སྐད་རྣམས་སྦྱོང་མི་བཅུག་པ་དང་རྒྱ་སྐད་བཙན་ཤེད་ཀྱིས་སྦྱོང་བཅུག་གི་ཡོད། ཁྱོད་ཚོས་གཟིགས་དང་། ༧་རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་ཕྲུག་གི་ཆེད་དུ་སློབ་གྲྭ་ཟུར་དུ་བཙུགས་པ་ནི་བོད་ཀྱི་སྐད་ཡིག་དང་ཆོས་དང་རིགས་གཞུང་རྩ་བརླག་ཏུ་མ་འགྲོ་བའི་ཆེད་དུ་བཙུགས་པ་རེད།ད་དུ་དེ་ལས་ལྡོགས་ཏེ་ར་མ་ལུག་གི་སྐད་ཆ་དང་རིག་གཞུང་ལ་རྩིས་འཇོག་མེད་པ་དེ་འགྲིག་གི་རེད་དམ།
བོད་རིགས་སྤུན་ཟླ་ཚོ། གཟིགས་དང་། ལྟོས་དང་། རྒྱ་མི་རྣམས་ཀྱིས་བོད་ཀྱི་མཛེས་པའི་ཞིང་ཁམས་སོགས་གཏོར་གཤིས་བཏང་ཚར་སོང་། མ་ཟད་ཁོང་ཚོས་དམིགས་ཡུལ་དེ་བོད་ཀྱི་སྐད་ཡིག་བརླག་ཏུ་བཅུག་པ་རེད། ད་དུ་ང་ཚོས་བོད་སྐད་སྦྱོང་གི་མིན་ནམ།
བོད་སྐད་ཟེར་བ་འདི་བཀླག་ན་བོད་མི་རྣམས་རང་བཞིན་གྱིས་བརླག་འགྲོ་བ་རེད། རྒྱུ་མཚན་དེ་འདྲ་ལ་བལྟས་ནས་ང་ཚོས་ཧུར་ཐག་དང་སེམས་ཤུགས་ཆེན་པོའི་ངང་ནས་བོད་ཀྱི་མཛེས་སྡུག་ལྡན་པའི་རིག་གནས་དག་ལ་སློབ་གཉེར་གནང་རྒྱུ་དེ་ཤིན་ཏུ་གལ་ཆེ། མཐའ་དོན་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་སྐུ་ཚེ་ཡུན་དུ་བརྟན་པ་དང་ཁོང་གི་ཐུགས་དགོངས་བཞེད་དོན་ཡོངས་སུ་གྲུབ་པའི་སྨོན་འདུན་ཞུ།།