རྒྱ་སེར་མེ་ཏོག་བཏབ།
ཉིན་ཞིག་རེས་གཟའ་ཉི་མའི་ཆུ་ཚོད་ ༦ པ་ལ་ལངས་དུས། ངའི་ཨ་མས་ང་ལ་ས་བོན་ཞིག་སྤྲད་སོང་། ས་བོན་དེ་ལ་བལྟས་དུས་ཡག་པོ་ཧ་གོ་མ་སོང་། ངས་ཁ་པར་ནང་ལ་བལྟས་དུས་ཉི་མ་མེ་ཏོག་གི་ས་བོན་རེད་འདུག རྗེས་ལ་ཁ་ལག་ཟ་དུས་ཅོ་ཅོས་ང་ལ་རྒྱ་སེ་མེ་ཏོག་གི་ ས་བོན་སྤྲད་སོང་། ངས་ས་བོན་གཉིས་བཏབ་ཡིན།
རྗེས་ལ་ངས་ཆུ་ཏོག་ཙམ་བླུགས་པ་མ་ཟད། ཉི་འོད་ཕོག་ཆེད་ཉི་མ་ཡོད་སར་བཞག་པ་ཡིན། དེའི་རྗེས་ལ་ནང་ལས་བྲིས་དུས་ངའི་ཨ་མས་ང་ལ་ཆོས་བཟང་རང་གིས་བཏབ་པའི་མེ་ཏོག་གཉིས་དེ་སྐྱེས་འདུག་ཅེས་སྐད་ཤུགས་ཆེན་པོ་བརྒྱབ་སོང་།
ངས་མེ་ཏོག་གཉིས་ལ་བལྟས་དུས་མེ་ཏོག་དེ་གཉིས་ཡག་པོ་སྐྱེས་འདུག ང་སེམས་པ་དགའ་ནས་མེ་ཏོག་གཅིག་བཀོག་ནས་མཆོད་ཁང་ནང་ལ་འཕུལ་ཡིན། དེའི་རྗེས་ཆུ་ཚོད་ ༥ པ་ལ་སྤང་དུ་བསླེབས་དུས་སྤང་ལ་མེ་ཏོག་མེད་པ་མ་ཟད། སྤང་དུ་ཕྲུ་གུ་གཅིག་ཀྱང་མི་འདུག
ངས་སྦག་སྦག་བཏང་ནས་ཚོང་ཁང་ནས་ས་བོན་མང་པོ་ཉོས་པ་ཡིན། དེའི་རྗེས་སྤང་ལ་མེ་ཏོག་གི་ས་བོན་ཚང་མ་བཏབ་དུས་ཕྲུ་གུ་ཁ་ཤས་རོགས་པ་བྱེད་དུ་བསླེབས་སོང་། ང་ཚོ་ཚང་མས་སྤང་ལ་མེ་ཏོག་སྙིང་རྗེ་མོ་མང་པོ་བཏབ་པ་ཡིན། སང་ཉིན་ཡང་ང་ཚོས་མེ་ཏོག་མང་པོ་བཏབ་དགོས་ལབ་པ་ཡིན།
