ཁྲོམ་ནས་ཉོ་བའི་མེ་ཏོག།

རེས་གཟའ་ཉི་མའི་ཞོགས་པར་ང་དང་ཨ་མ་ཁྲོམ་རར་འགྲོ་ནས་རྒྱ་སེ་མེ་ཏོག་མང་པོ་ཉོས་པ་ཡིན།
ཉིན་དེ་གུང་སེང་ཡིན་པས་ང་དང་ཨ་མ་ལགས་གཉིས་ལ་ལས་ཀ་དང་ནང་ལས་མི་འདུག་པས། ཨ་མ་ངེད་གཉིས་མཉམ་དུ་མེ་ཏོག་བཏབ་དགོས་བསམ་པ་ནང་བཞིན་ཅོ་ཅོས་ཀྱང་རྒྱ་སེ་མེ་ཏོག་ཚང་མ་ནང་རྒྱབ་ཀྱི་ལྡུམ་རའི་ནང་ས་བྲུས་ནས་རྒྱ་སེ་མེ་ཏོག་གང་སར་བཏབ་སོང་།
དེ་རྗེས་ང་ཚོས་ཁྱིམ་མཚེས་ཀྱི་ནང་ནས་ཨ་མས་མེ་ཏོག་འདྲ་མིན་སྣ་ཚོགས་ལེན་སོང་། ཆུ་ཚོད་ ༤ ཙམ་ལ་མེ་ཏོག་དེ་ཚོ་ང་དང་ཨ་མ་ལགས། པ་ལགས། གཅེན་པོ་བཅས་ང་ཚོས་མཉམ་རུབ་བྱེད་ནས་མེ་ཏོག་དེ་ཚོ་གང་སར་བཏབ་པ་ཡིན།
མཐར་ངའི་རྨོ་མོ་གྲོགས་མོའི་ནང་ལ་ཕྱིན་ནས་ཚུར་ལོག་ཡོང་སྐབས། ངས་རྨོ་མོའི་མིག་བཀབ་ནས་ལྡུམ་རའི་ནང་འཁྲིད་དུས་རྨོ་མོ་ཧ་ཅང་དགའ་ནས་གད་མོ་ཤོར་བཞིན་ཨ་མ་དེ་འདྲ་སྙིང་རྗེ་བ་ལ་ཞེས་གསུངས་སོང་།
ད་དུང་ལྡུམ་ར་སྟོང་པ་འདྲ་བོ་ཚོར་བྱུང་བས་ངའི་གྲོགས་མོ་མཉམ་དུ་ཡང་བསྐྱར་མེ་ཏོག་མང་པོ་བཏབ་པ་ཡིན། གཟའ་ཉི་མའི་ཉིན་དེར་ང་ཚོ་ཚང་མས་མེ་ཏོག་འདྲ་མིན་སྣ་ཚོགས་བཏབ་པ་ཡིན།