ལྡུམ་རའི་ནང་ལ་མེ་ཏོག་བཏབ།

ཁ་སང་ངའི་ཨ་མས་ས་བོན་སྣ་ཚོགས་ཉོས་ནས་གཟའ་ཉི་མ་དུས་ཚོད་སྟོང་པ་རག་དུས་ངའི་ཁྱིམ་མཚེས་ལ་རོགས་པ་བྱེད་དང་ལབ་པ་ཡིན། དེ་དུས་ང་དང་ངའི་ཁྱིམ་མཚེས་ཀྱིས་ས་བྲུས་ནས་ས་བོན་བཏབ་སྐབས། ངའི་སེམས་ནང་ངའི་ཨ་མ་དང་རྨོ་མོ་དེ་བཞིན་ནང་མི་ཚང་མའི་ཆེད་དུ་རེད་བསམ་ནས་ངས་ལྡུམ་རའི་ནང་ལ་ས་བོན་བཏབ་པ་ཡིན།
ཉིན་འགའ་ཤས་རྗེས་ངས་ཆུ་བླུགས་མི་ཐུབ་པས་མེ་ཏོག་དེ་ཚོ་སྐམ་འགྲོ་གི་ཡོད་པ་མཐོང་དུས། ངས་རྨོ་མོ་ལ་ཆུ་བླུགས་རོགས་བྱེད་དང་ལབ་ཀྱང་རྨོ་མོས་ཆུ་བླུགས་རྒྱུ་བརྗེད་འདུག ངསཨ་ཅག་ཀུན་བཟང་ལ་རོགས་པ་བྱེད་རོགས་ལབ་ནས་ས་བོན་རྙིང་པ་རྣམས་བཏོན་ནས་ཡང་བསྐྱར་ས་བོན་གསར་པ་བཏབ་པ་ཡིན།
ཉིན་ཤས་རིང་ངས་ཆུ་མུ་མཐུད་ནས་བླུགས་པ་ཡིན། ཟླ་བ་ཁ་ཤས་རྗེས་ངས་ལྡུམ་རའི་ནང་བལྟ་སྐབས་ས་བོན་དེ་དག་ཧ་ཅང་ཡག་པོ་ཐོན་ནས་མེ་ཏོག་སྙིང་རྗེ་མོ་དེ་འདྲ་སྐྱེས་འདུག་པས། ངས་ཨ་མ་ལྡུམ་རའི་ནང་འཁྲིད་ནས་མེ་ཏོག་དེ་ཚོ་བསྟན་པ་ཡིན། ཨ་མ་དགའ་ཐག་ཆོད་སོང་།