ལྡུམ་རའི་ནང་གི་མེ་ཏོག
ངའི་ནང་གི་ལྡུམ་རའི་ནང་མེ་ཏོག་སྣ་ཚོགས་བཏབ་པ་མ་ཟད་ཚོན་ཁྲ་འདྲ་མིན་སྣ་ཚོགས་དང་བཟོ་ལྟ་ཡང་ཁ་ཁ་ཡོད། ལྡུམ་རའི་ནང་ལ་བལྟ་སྐབས་ཡིད་དུ་འོང་བའི་མེ་ཏོག་དེ་འདྲ་མཐོང་རྒྱུ་ཡོད། དེ་དུས་ང་དང་ངའི་ཨ་མ་གཉིས་སེམས་པ་སྐྱིད་པོ་བྱུང་སོང་། མེ་ཏོག་འདྲ་མིན་སྣ་ཚོགས་དེ་ང་དང་ངའི་ཨ་མ་ངེད་གཉིས་ཀྱིས་བཏབ་པ་ཡིན། མི་ཚང་མས་ལྡུམ་ར་དེར་བསྟོད་བསྔགས་ཡང་ཡང་བྱེད་ཀྱི་འདུག
ཨ་མ་ངེད་གཉིས་ཉིན་གུང་ཞིག་ལ་ས་བོན་བཏབ་ནས་ལྡུམ་རའི་ནང་བཞག་པ་ཡིན། ང་ཚོ་ནང་མི་ཚང་མས་ལྡུམ་ར་དེ་ལ་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ང་ཚོས་ལྡུམ་ར་དེའི་མིང་ལ་ཏཱ་ལའི་བླ་མའི་སྐྱེད་ཚལ་ཞེས་བཏགས་པ་ཡིན། མི་ཚང་མས་ལྡུམ་རའི་མིང་དེ་ཡག་པོ་འདུག་ལབ་ཀྱི་འདུག
ང་ཚོ་སཾ་བྷོ་ཌ་ཀོ་ལེ་གྷལ་སློབ་གྲྭ་ལ་ཡང་ཏཱ་ལའི་བླ་མའི་སྐྱེད་ཚལ་ཞེས་པ་ཞིག་ཡོད་པ་རེད། མི་དེ་ཚོ་ཡར་མར་སྦག་སྦག་དང་མོ་ཌ། སྐོར་བ་དང་འཆམ་འཆམ་སོགས་འགྲོ་སྐབས་མེ་ཏོག་དེ་དྲི་མ་ཞིམ་པ་ལ། མེ་ཏོག་ཅུང་ཟད་ཞིག་སྤྲད་དང་ལབ་དུས་ང་ཚོས་མི་ཚང་མ་ལ་རྐང་རེ་རེ་སྤྲད་ནས་ང་ཚོའི་ལྡུམ་རའི་ནང་གི་མེ་ཏོག་དེ་ཚོ་རྫོགས་ལ་ཉེ་སོང་།
