བོད་དོན་ནི་རྒྱལ་སྤྱིའི་གནདན་དོན་ཞིག་ཡིན།
བོད་ནི་འཛམ་གླིང་གི་ས་མཐོའི་ཡང་རྩེར་ཆགས་པའི་རྒྱལ་ཁབ་ཅིག་ཡིན། མི་ཚོས་བོད་ལ་མཐོ་སྒང་བོད་ཟེར་བ་དང་འཛམ་གླིང་གོ་ཡང་ཐོག་ཏུ་ཆགས་པའི་བོད་ཅེས་ཡོངས་སུ་གྲགས། ད་དུང་གངས་རིས་བསྐོར་བའི་ཞིང་ཁམས་ཡང་ཟེར། གང་ཡིན་ཞེ་ན་བོད་ནི་རི་མཐོ་བོ་དང་གངས་རིའི་རི་བརྒྱུད་མང་པོས་བསྐོར་ཡོད་པ་ཡིན། བོད་ཀྱི་ས་མཐོའི་བདེ་སྐྱིད་ནི་ལྷ་ཡུལ་དང་འདྲ་བ་དང་། ཡུལ་གྱི་བཀོད་པ་ལ་རང་བྱུང་གི་ཁོར་ཡུག་མཛེས་སྡུག་ལྡན་པ་མ་ཟད། རང་འབྱུང་གཏེར་ཁ་དང་འཛམ་གླིང་གསུམ་ཆ་གཉིས་ཀྱི་ཆུ་བོའི་འབྱུང་ཁུངས་ཀྱང་ཡིན། བོད་ལྗོངས་ཆོས་ལྡན་གྱི་ཞིང་ཁམས་ཡང་ཟེར། དེ་ནི་བོད་ཀྱི་ལུང་པར་ནང་པ་སངས་རྒྱས་པའི་ཆོས་ལ་དད་པ་དང་ཡི་ཆེས་བྱེད་མཁན་ཡིན་ཙང་བོད་་ཡུལ་དུ་ཆོས་ཀྱི་མཛད་སྒོ་དང་དུས་ཆེན། དེ་བཞིན་དགོན་པ། གཙུག་ལག་ཁང་སོགས་མང་པོ་ཡོད། མི་རྣམས་ཀྱིས་དགེ་བ་ལ་བརྩོན་འགྲུས་ཆེ་བ་དང་སྡུག་ཅག་དང་སྡིག་ལས་བྱེད་ཡ་ལ་སེམས་འཚབ་ཡོད་མཁན་གྱི་ལུང་པ་ཞིག་རེད། ཕྱི་རྒྱལ་བ་ཁག་གཅིག་གིས་བོད་ནི་འགྲོ་བསྐྱོད་མི་ཆོག་པའི་ལུང་པ་ཞིག་རེད་ཟེར་བ་དང་བོད་ཀྱི་འགྲོ་ལམ་ཡག་མེད་པའི་སྐོར་རྒྱུ་མཚན་ཡང་བཤད་མཁན་འདུག། གང་ལྟར་བོད་ནི་ལུང་པ་གཞན་དང་འབྲེལ་བ་མ་བྱས་པར་ས་མཐོའི་ལུང་པར་ལོ་བརྒྱ་ཕྲག་མང་པོ་བསྡད་པ་རེད།
འོན་ཀྱང་། ཕྱི་ལོ་༡༩༥༠་ནས་བཟུང་བོད་ནི་རྒྱལ་སྤྱིའི་གནད་དོན་ཞིག་དུ་འགྱུར་བའི་དུས་དེ་འགོ་བཙུགས་པ་རེད། གནས་སྟངས་དེ་རྒྱ་ནག་དང་འབྲེལ་བ་གཅིག་པོ་མ་ཡིན་པར་རྒྱལ་ཁབ་མང་པོ་ཞིག་གིས་སེམས་ཁྲལ་བྱེད་དགོས་པ་ཞིག་དང་དོ་སྣང་བྱེད་དགོས་པའི་གནས་སྟངས་ཞིག་ཏུ་འགྱུར། གནས་སྟངས་གང་ཡིན་ཞེ་ན་། དེ་ནི་མི་མང་དང་། ཞི་བདེ། རང་དབང་བཅས་ཀྱི་སྐོར་གྱི་ཡོངས་ཁྱབ་ཀྱི་དཀའ་ངལ་ཞིག་ཡིན། དཀའ་ངལ་དེ་ཁུངས་རྩ་གཙོ་བོ་ནི་བོད་རྒྱལ་ཁབ་ཆེན་པོ་དེ་སུས་བཙན་དབང་གིས་བཙན་འཕྲོག་བྱེད་མཁན་ལ་ཐུགས་ཡོད། དེ་ནི་རྒྱ་མི་དམར་པོའི་རྒྱལ་ཁབ་ལ་ཐུག་ཡོད། རྒྱ་ནག་གཞུང་གི་བོད་དེ་རྒྱ་མི་ཆ་ཤས་ཤིག་རེད་ཟེར། ཡིན་ཡང་ང་ཚོས་བོད་ནི་རྒྱ་མི་ཆ་ཤས་མིན་པ་མ་ཟད་ང་ཚོར་རང་དབང་བཙན་བསྐྱར་གསོ་དགོས་པའི་སྐད་འབོད་དང་ལས་འགུལ་ཤུགས་པོ་སྤེལ་དང་སྤེལ་མུས་ཡིན།་དེ་ནི་མི་མང་གི་བདེ་སྐྱིད་དང་མངོན་འདོད་ལ་ཐུག་པའི་འཐབ་རྩོད་ཞིག་རེད།
༧ སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་བོད་མི་ཙམ་མིན་པ་འགྲོ་བ་མི་ཡོངས་ཁྱབ་ཀྱི་བདེ་སྐྱིད་བསྐྲུན་ཐབས་ལ་འཚེ་མེད་ཞི་བའི་ལམ་དང་ཞི་བདེའི་འཛམ་གླིང་ཞིག་ཡོངས་ཐབས་ལ་འབད་འབུམ་ཚད་མེད་གནང་དང་བཞིན་ཡོད་པ་རེད། རྒྱ་ནག་གིས་སྡུག་ཚོད་དང་མནར་བཅོས་ཇི་ཙམ་གཏོང་ཡང་ང་ཚོ་ནི་འཚེ་མེད་ཞི་བདེའི་ལམ་གྱི་འཐབ་རྩོད་ཡིན།
སྤྱི་ལོ་༢༠༠༨་ནས་བཟུང་བོད་དུ་རང་དབང་དང་ཞི་བདེའི་དོན་དུ་རང་ལུས་མཆོད་མེ་འབུལ་བའི་ལས་འགུལ་རྒྱུན་མ་ཆད་པར་ཡོང་བཞིན་ཡོད། དུས་དེ་ནས་བོད་ཀྱི་གནས་བབ་འཛམ་གླིང་ཁྱོན་་ཡོངས་ཀྱིས་དོ་སྣང་ཆེན་པོ་བྱེད་ས་ས་ཞིག་ཏུ་འགྱུར་། ཉེར་བའི་ཆར། ཨ་རི་ལ་བཞུགས་མཁན་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་གློད་གཏོང་ཆེན་པོས་བོད་མི་ཚོ་དང་ཡང་སྒོས་འཛམ་གླིང་གི་བོད་དོན་རྒྱབ་སྐྱོར་བ་ཚོར་གཉིད་ལས་དཀྲོག་པའི་ཆེད་དུ་རང་ལུས་མཆོད་མེར་འབུལ་གནང་བ་རེད། ཁོང་གིས་རྒྱ་ནག་གི་བཙན་ནོོན་ཅན་གྱི་སྲིད་ཇུས་དང་། བོད་པའི་རིག་གཞུང་དང་སྐད་ཡིག་བཙན་གྱིས་འདྲེས་སྒྱུར་བྱེད་བཅུག་པའི་ཁྲིམས་གསར་པར་ངོ་རྒོལ་མཚོན་བྱེད་དུ་གནང་བ་ཞིག་རེད། བྱས་ཙང་དུས་རབས་ཉེ་གཅིག་པའི་སློབ་མ་ཞིག་ཡིན་པའི་ཆ་ནས་རང་གི་སྐད་སྦྱོང་དགོས་པ་དང་དེ་དང་འབྲེལ་ལས་བརྩོན་ནས་འཛམ་གླིང་གི་ནང་བོད་དོན་ནི་རྒྱལ་སྤྱིའི་གནད་དོན་ཞིག་ཡིན་པར་ངོ་སྤྲོད་གསལ་བཤད་མི་དགོས་ཀྱང་རང་ནུས་ཀྱིས་འཇོན་ཚོད་དང་བསྟུན་ནས་གོ་རྟོགས་ཤུགས་ཆེན་སྤེལ་དགོས། བོད་ཀྱི་ནང་ཆོས་དང་རིག་གཞུང་གི་ཕྱི་རྒྱལ་བ་མང་པོར་ཕན་ཐོག་ཆེན་པོ་བྱུང་ཡོད། གཉིས་ནས་བོད་མཐོ་སྒང་ནི་སྣེ་གཉིས་ས་ཁུལ་ཕུད་པའི་གངས་རིའི་འཁྱགས་རོམ་གྱི་གཏེར་མཛོད་ཆེ་ཤོས་དེ་ཡིན་པས་ཨ་ཤེ་ཡ་གླིང་ཕྲན་གྱི་ཆུ་མཛོད་ཀྱི་བྱེད་ལས་འཁུར་གྱི་ཡོད། གངས་རིིན་པོ་ཆེའི་གཤམ་ནས་བབ་པའི་ཆུ་བོ་ཁ་བབ་བཞི་དང་། རྫ་ཆུ། འབྲི་ཆུ། ཡར་ཀླུང་གཙང་པོ།རྨ་ཆུ། སོགས་ཀྱི་ཨེ་ཤེ་ཡ་གཙང་པོ་ཆེ་ཁག་གི་རྩ་བ་དེ་ཡིན་པས། སྨད་ཕྱོགས་ཀྱི་མི་ཁྲི་ཁྲག ༡༤༠ ལྷག་གི་ཆུས་དགོས་མཁོ་སྐོང་གི་ཡོད། རྒྱ་ནག་གིས་མཐོ་སྒང་དེར་ཆུ་མཛོད་རྒྱག་པ་དང ཀོར་ཡུག་བདག་གཉེར་བྱས་པས་ཨེ་ཤི་ཡའི་ལྷོ་ཕྱོགས་དང་ལྷོ་ཤར་ཕྱོགས་ཀྱི་ཆུའི་ཉེན་ཁ་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད།
བོད་ནི་འཛམ་གླིང་ནང་མི་འབོར་ཆེ་ཤོས་ཡིན་པའི་རྡུལ་ཕྲན་མཚོན་ཆ་ཡོད་པའི་རྒྱལ་ཁབ་གཉིས་ རྒྱ་ནག་དང་རྒྱ་གར་གཉིས་ཀྱི་བར་དུ་ཆགས་ཡོད་སྟབས་བོད་ནང་དོན་རྐྱེན་ག་རེ་བྱུང་བ་ཡིན་ན་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ཞི་བདེ་དང་བདེ་འཇགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད། དོན་གནས་མཐའ་མ་ནི། ༧སྤྱི་ནོར་གོང་་ས་སྐྱབས་མགོན་ཆེན་པོ་མཆོག་ནི་ཞི་བདེའི་དབུ་ཁྲིད་ཞིག་ཡིན་པ་མ་ཟད། ཨེ་ཤེ་ཡ་དང་། བྱང་ལྷོ་ཨ་མི་རི་ཀ། ཡུ་རབ་དང་ཨཕི་རི་ཀ་བཅས་འཛམ་གླིང་གི་མི་མང་ས་ཡ་མང་པོས་ནང་པའི་ཆོས་ཀྱི་མགོན་སྐྱབས་དང་དབུ་ཁྲིད་ཞིག་ཡིན། འཛམ་གླིང་མི་མང་རྣམས་༧གོང་ས་མཆཽག་གི་སློབ་མ་ལྟ་བུ་ཡིན། ༧གོང་ས་མཆོག་ནི་བོད་ཡོངས་ཀྱི་མགོན་སྐྱབས་གཅིག་པུ་དེ་ཡིན། ཁོང་གི་རྒྱལ་ཁབ་ནི་བོད་མཐོ་སྒང་ཡིན།
དེ་འདྲ་སོང་ཙང་བོད་དོན་ནི་འཛན་གླིང་ཡོངས་ཀྱི་གནད་དོན་ཞིག་ཏུ་འགྱུར་བ་ཡིན།། མཐའ་དོན་༧་གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པ་དང་བོད་མི་རྣམས་མཉམ་དུ་འཛོམས་པའི་སྨོན་ལམ་དང་ཁོང་གི་ཐུགས་ཀྱི་བཞེད་དོན་མཐའ་དག་འབད་མེད་ལྷུན་གྱིས་གྲུབ་པ་ཤོག།
