ངས་བོད་ལ་ཅི་ཞིག་བྱས་ཐུབ།

ངའི་ཕ་ཡུལ་བོད་དེ་ནི་གངས་ལྗོངས་རི་བོའི་སྐོར་བའི་ཕ་ཡུལ་དང་གངས་དཀར་པོ་ཤེལ་གྱི་མཆོད་རྟེན་འདྲ་བའི་རི་བརྒྱུད་མང་པོས་བསྐོར་བ་དང་། གཙང་ཆུ་ཤེལ་དཀར་དང་འདྲ་བའི་རྒྱུགས་ཆུ་ཡོད་ལ་སྤང་ཐང་གཡུ་ལྟར་སྔོ་བའི་རྩ་ཐང་ཡང་ཡོད། གནས་མཆོག་དེར་རི་དགས་སེམས་ཅན་དང་སྲོག་ཆག་འདྲ་མིན་ཡོད་པའི་ཞི་བདེའི་རྒྱལ་ཁབ་དང་ལྷ་ཡུལ་ལྟ་བུ་རེད། ས་ཆ་དེར་བཞུགས་མཁན་ནི་བོད་མི་ཡིན། བོད་མི་རྣམས་ནི་བོད་ཀྱི་ལུང་པ་ནང་དུ་ལོ་སྟོང་ཕྲག་མང་པོའི་སྔོན་ནས་སྡོད་ཀྱི་ཡོད། ཡིན་ཡང་། ང་ཚོའི་ཕ་ཡུལ་བོད་དེ་ནི་ཕྱི་ལོ་༡༩༥༩་ཟླ་༣ པའི་ཚེས་༡༠་ཉིན་མོ་ལ་རྒྱ་ནག་གིས་རང་དབང་བཙན་འཛུལ་བྱས་ཏེ་ཕྲོགས་འཛིན་བྱེད་་པ་མ་ཟད་བོད་མི་རྣམས་ལ་སྡུག་བསྔལ་བཟོད་ཐབས་བྲས་བ་མང་པོ་མྱོང་དགོས་བྱུང་བ་རེད། སྐབས་དེ་ནས་བཟུང་བོད་ཀྱི་སྐད་ཡིག་དང་རིག་གཞུང་གཏོར་སྐྱོན་བྱས་ཡ་འགོ་བཙུགས་པ་རེད། བོད་ཕྲུག་དང་བོད་པ་མང་པོའི་ནང་མི་དང་ཁ་བྲས་དགོས་བྱུང་བ་རེད། དུས་དེ་ནས་བཟུང་བོད་ཀྱི་འབྲོག་པ་དང་རྩ་ཐང་དུ་ཡོད་པའི་སེམས་ཅན་མང་པོ་ལ་གནོད་པ་བཏང་ཡང་འགོ་བཙུགས་པ་རེད། དུས་དེ་ནས་་བཟུང་ང་ཚོའི་ཕ་ཡུལ་ལ་རྒྱ་མི་ཉིན་རེ་བཞིན་མང་དུ་འགྲོ་འགོ་བཙུགས་པ་རེད། དགོན་པ་ནང་གྲ་བ་དང་ཨ་ནེ་མེད་པ་བཟོས་པ་རེད། སྤྱི་ཚོགས་ཚན་རིག་སློབ་ཚན་དུ་རིག་གནས་གསར་བརྗེ་ཟེར་བའི་བརྗོད་གཞི་གཅིག་བསླབ་སོང་། དངོས་གནས་སེམས་སྐྱོ་དགོས་ཡ་དང་ངུ་ཤོར་དགོས་པའི་གནས་ཚུལ་མང་པོ་བྱུང་འདུག གདེང་སང་ཡིན་ཡང་། རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་བོད་ཡིག་སྦྱོང་མ་བཅུག་པ་དང་ཕ་མ་དང་པུ་གུ་ལོགས་ག་བཟོས་ནས་སྡོད་ཁང་རྒྱབ་ནས་རྒྱ་ཡིག་གཅིག་པུར་མ་གཏོགས་བོད་ཡིག་སྦྱང་མ་བཅུག་པའི་གནས་སྟངས་དཀའ་ངལ་ཅན་མང་པོ་བཟོ་ཡི་འདུག དེ་ཚོ་རྐང་བཙུགས་ནས་ཨུ་ཚུགས་རྒྱག་ནས་བོད་ཕྲུག་དང་ཕ་མ་་གཉིས་ཕན་ཚུལ་ཁ་བྲས་གཏོང་ནས་འབྲེལ་བ་བྱས་མ་བཅུག་པའི་གནས་སྟངས་འགྱུར་ཡོད། ཁོང་ཚོའི་སྐད་ཆ་བཤད་སྟངས་དང་འགྲོ་སྟངས་སོགས་རྒྱ་མི་ནང་བཞིན་བཟོ་ཡང་ཐབས་ཤེས་བྱེད་ཀྱི་ཡོད་པ་རེད།བོད་མི་རྒྱ་མི་འགྱུར་བཅུག་པ་རེད།
༧གོང་ས་སྐྱབས་མགོན་ཆེན་པོ་དང་མི་མང་རྣམས་རྒྱ་གར་བཙན་བྱོལ་དུ་དུ་ཕེབས་ནས་བཞུགས་པའི་རིང་ལ་རྒྱ་མི་ཚོས་ཅིག་གང་བྱེད་ཐུབ་ཀྱི་མེད་རེད། དེ་ལས་ལྡོགས་ནས་བོད་མི་རྣམས་ལ་བཀའ་སྡུག་ཚད་མེད་མྱོང་བཅུག་སོང་། སྡུག་པོ་མང་པོ་མྱོང་བའི་བཙན་འོག་ནས་བོད་ཀྱི་ཆེད་དུ་རང་ལུས་མཆེད་མེ་འཕུལ་བ་སོགས་བསམ་ཡུལ་འདས་པའི་ཡིད་སྐྱོ་བའི་གནས་ཚུལ་མང་པོ་བྱུང་དང་བྱུང་བཞིན་ཡོད།
དེ་འདྲ་སོང་ཙང་། ང་རང་རྒྱ་གར་ལུང་པའི་ནང་རང་དབང་ཡོད་ལ་སློབ་སྦྱོང་གི་གོ་སྐབས་ཀྱང་བཟང་པོ་ཐོབ་བྱུང་། ངས་སློབ་སྦྱོང་ལ་ཧུར་བརྩོན་བྱས་ཏེ་བོད་ཀྱི་བདེན་པ་དེ་བརྙེད་ཐུབ་པ་བྱས་ཀྱི་ཡིན།ངའི་བོད་འི་གོམས་གཤིས་བཟང་པོ་རྣམས་ངའི་མཚོན་ཆ་དང་མེ་མདའ་རེད། ངས་གོམས་གཤིས་བཟང་པོ་དེ་བདག་པོ་རྒྱག་ནས་ཡ་རབས་ཚུལ་ལྡན་གྱི་བོད་མི་ཞིག་བྱས་ཀྱི་ཡིན། ངས་བོད་རང་བཙན་རག་པའི་ཆེད་དུ་རྒྱ་སྐད་སྦྱང་གི་ཡིན། རྒྱ་མི་དང་འབྲེལ་བ་བྱེད་ཀྱིན་ཡིན། ཁོང་ཚོ་ལ་འབྲེལ་བཤད་རྒྱག་ཐུབ་ཀྱི་རེད། བོད་སྐད་གཙང་མ་དང་བོད་ཀྱི་རིག་གཞུང་མི་བརྗེས་པའི་ཆེད་དུ་ཉིན་རྟག་པར་སློབ་སྦྱོང་ལ་འབད་བརྩོན་བྱས་ཀྱི་ཡིན། བོད་ཀྱི་དུས་ཆེན་ཁག་ལ་བོད་ཀྱི་རྒྱན་ཆ་བཏགས་ནས་ཕྱུ་པ་གྱོན་གྱི་ཡིན། དབུ་རྒྱམ་དང་སྐེ་རྒྱན་སོགས་བཏགས་ནས་བོད་ཀྱི་གོམས་གཤིས་མཚོན་ཐུབ་པ་བྱེད་ཀྱི་ཡིན། བོད་ཀྱི་ནང་ཆོས་ནང་གསུངས་པ་དང་གོང་ས་མཆོག་གི་ཡང་གསུངས་གནང་གི་རེད། དེ་ནི་བྱམས་སྙིང་རྗེས་རེད། བྱམས་བརྩེའི་བསླབ་བྱ་དེ་ནི་ཞི་བདེའི་དབུ་ཁྲིད་ཞིག་དང་འདྲ་བ་ཡིན། ང་རང་བོད་ཀྱི་རིག་གཞུང་དང་ཆོས་ལུགས་ལ་བདག་གཅེས་ཀྱི་བོད་མི་ངོ་བོ་མཚོན་ཐུབ་པ་ཞིག་བྱེད་ཀྱི་ཡིན། ཐུགས་རྗེ་ཆེ།